ཇོ་ནང་༸རྒྱལ་ཚབ་སྐབས་གཉིས་པའི་ཁྲི་སྟོན་མཛད་སྒོའི་ཐོག་༸སྐྱབས་རྗེ་ཀིརྟི་རིན་པོ་མཆོག་གིས་བསྩལ་པའི་གསུང་བཤད།

༄༅།། དཔལ་༸རྒྱལ་བ་ཇོ་ནང་བའི་༸རྒྱལ་ཚབ་རིན་པོ་ཆེ་མཁན་སྤྲུལ་རྡོ་རྗེ་འཆང་སློབ་དཔོན་ངག་དབང་ཆོས་ཀྱི་སྣང་བ་མཆོག་གིས་གཙོས་ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པ་དང་། རང་གཞུང་ཆོས་དོན་བཀའ་བློན་མཆོག་གིས་གཙོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུ་པ་རྣམ་པ། དེ་རིང་ཁྲི་སྟོན་མཛད་སྒོ་འདིའི་ཐོག་ཆེད་དུ་ཕེབས་པའི་སྐུ་མགྲོན་རྣམ་པ་དང་མི་མང་ལྷན་རྒྱས་ལ་ཐོག་མཪ་ངས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་དཔལ་༸རྒྱལ་བ་ཇོ་ནང་བའི་༸རྒྱལ་ཚབ་རིན་པོ་ཆེའི་ཁྲི་སྟོན་གྱི་མཛད་སྒོ་འདི་བརྒྱུད་ནས་བོད་གཞིས་བྱེས་གཉིས་སུ་འཁོད་པའི་ཇོ་ནང་བའི

དཔལ་འཁོར་ལོ་སྡོམ་པ་ནག་པོ་པའི་བཀའ་དབང་དངོས་གཞི།

འགྲེལ་བཤད། ༄༅། །བོད་རྒྱལ་ལོ་ ༢༡༥༠ རབ་གནས་ཆུ་ཡོས་ཟླ་ ༡ ཚེས་ ༡༦ དང་ ༡༧ ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༨ དང་ ༩ ལ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔལ་འཁོར་ལོ་སྡོམ་པ་ནག་པོ་པའི་བཀའ་དབང་དངོས་གཞི་སྩལ་བ་དང་། ཚོགས་འཁོར། བརྟན་བཞུགས་བསྟར་འབུལ་ཞུས་པ། ཚོགས་གནས། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང༌། དྷ་རམ་ས་ལ། ཧི་མ་ཅལ། རྒྱ་གར།ཟླ་ཚེས། ༢༠༢༣ ཟླ་བ་ ༣ ཚེས་ ༩དུས་ཡུན། ཆུ་ཚོད་ ༢ དང་སྐར་མ་ ༣༥ ལྷག་ཙམ་ཡོད།སྐད་ཡིག བོད་སྐད།

འབྲེལ་གཏུགས།

Jonang Duekhor JordrukGomdra Choekhor LingV.P.O. Sidhpur,Dharamsala,Distt Kangra (H.P) -176057India +88946-16453 (Main Office)       86269-09544 (Head) Gmail:  jonangkukhor@gmail.comWebMaster: jonangkmi@gmail.com

ཆོས་ནས་བཤད་པའི་བླ་མ་བསྟེན་ཚུལ།

ལྡན་མ་བློ་བཟང་དགེ་ལེགས། དེང་སང་དགོན་པ་མང་པོ་ཞིག་ན་སྤྲུལ་སྐུའམ་མཁན་པོ། དགེ་བཤེས་རེ་ཟུང་གིས་སྒེར་གཅོད་ཀྱིས་གྲྭ་བའམ་སློབ་མ་རྣམས་ཀྱི་མདུན་ལམ་ལ་གནོད་ཚབས་ཆེན་པོ་བཟོ་ཞིང་འདུག་པ་བློ་ཕམ་ཆེ། དེ་མིན་ཡང་གོང་བཤད་ལྟར་བླ་མའི་གསུང་རེ་ཁ་ལ་ཁྱེར་ནས་སྒེར་གཅོད་ཀྱི་ལམ་ལུགས་འདི་ལས་འདའ་ཐུབ་པའི་དགོན་པ་ཞིག་ཕལ་ཆེར་སྲིད་མཐའ་ཙམ

དགེ་ཚུལ་གྱི་བསླབ་ཚིགས་ལས་འཕྲོས་པ་ཅུང་།

ཤར་ཕུན་ཚོགས། དགེ་ཚུལ་གྱི་བླངས་འདས་ལ་ཕམ་འདྲའི་ཉེས་བྱས་དང་བཤག་བྱའི་ཉེས་བྱས་གཉིས་ཏེ། སོ་གསུམ་དང་སོ་དྲུག་དང་སོ་བདུན་དང་ང་ལྔ་སོགས་བགྲང་སྟངས་འདུལ་གཞུང་ཁག་ཏུ་མང་བོ་ཡོད། རེད་དེ། བླངས་འདས་ལ་བཤག་བྱས་མ་ཁྱབ་པར་བར་མ་གསུམ་ལས་འདས་པ་བསྡམ་བྱར་འཇོག་མཁན་ཡོད། བར་མ་གསུམ་ལས་འདས་པ་དེ་དགེ་ཚུལ་གྱི་བླངས་འདས་ཡིན་པའི་རྒྱུ་མཚན་

ཉེ་མཆན།