དུས་འཁོར་དབང་ཆེན་གསལ་བསྒྲགས།

༄༅། །༧ སྤྱི་ནོར་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་དང་བསྐྱར་དུ་དཔལ་རྒྱལ་བ་ཇོ་ནང་པ་ནི་དུས་འཁོར་ཉམས་ལེན་གྱི་བརྒྱུད་པ་བར་མ་ཆད་པར་ཉམས་བཞེས་གནང་མཁན་ཡག་ཤོས་ཆགས་ཡོད་ཅེས་མང་དུ་གསུངས་པ་དང་། ལྷག་དོན་དུ་༧ གོང་ས་མཆོག་གིས་༧སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་མཆོག་ལ་ནན་བསྐུལ་གྱིས་དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་དར་སྤེལ་བྱེད་དགོས་པའི་བཀའ་ཡང་ཡང་བསྩལ་པ་དང་།

ལོ་མང་རིང་ལ་ཐའེ་ཝན་དུ་ཡོད་པའི་སྐྱབས་རྗེ་༧ ཇོ་ནང་རྒྱལ་ཚབ་མཆོག་གི་སློབ་ཚོགས་ཡོངས་ཀྱིས་དུས་འཁོར་དབང་ཆེན་ཞིག་གནང་རོགས་ཞེས་གསོལ་བ་ཡང་ཡང་བཏབ་པས་རྒྱུ་མཚན་གཉིས་ཚོགས་ཀྱིས། ཞར་བྱུང་གི་དགོས་པ་ནི། འཛམ་གླིང་ཞི་བདེ་ཡོང་བ་དང་། ཁྱད་པར་དུ་ཐའེ་ཝན་ཡུལ་ཁམས་འདིར་འབྱུང་བཞི་དང་ནད་མུག་འཁྲུགས་རྩོད་ཀྱི་གནོད་པ་སོགས་ཞུ་ནས་བདེ་སྐྱིད་ཀྱི་དཔལ་ལ་རོལ་བ་སོགས་ཀྱི་ཆེད།

འདི་ལོ་ཕྱི་ཟླ་༧ པའི་ཚེས་༣༠ ནས་ཕྱི་ཟླ་༨ ཚེས་༥ བར་རྒྱལ་ས་ཐའེ་པེ་རུ་དུས་འཁོར་དབང་ཆེན་སྩལ་གནང་མཛད་རྒྱུར་ཞལ་བཞེས་གནང་འདུག་པས། རྒྱལ་ཕྱི་ནང་གང་སར་བཞུགས་པའི་དད་ལྡན་རྣམ་གྱིས་ཐུགས་སྣང་གནང་རོགས་ཞུ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།