དྷ་ས་ནོར་གླིང་ཇོ་ནང་དུས་འཁོར་གྲྭ་ཚང་དང་དད་ལྡན་སློབ་མ་ཐེ་ཝན་པ་སྟོང་ཉིད་དོན་རྟོགས་སོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཉམས་དང་རྟོགས་པའི་དབང་ཕྱུག་དམ་པ་༧སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཁན་སྤྲུལ་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་སྣང་བ་མཆོག་གིས་གནས་མཆོག་རྡོར་གདན་དུ་ཕྱི་ལོ་ ༢༠༢༤ ཟླ་༡ ཚེས ༣ནས བདུན་གཉིས་རིང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་མཆན་དང་། གཞན་ཡང་ཉེར་མཁོའི་ཆོས་སྤྱོད་ཀྱི་རིགས་དག་གི་བཀའ་ཁྲིད་དང་། ལྗགས་ལུང་སྩལ་རྒྱུའི་ཐུགས་གཏན་ཁེལ་བའི་གསལ་བསྒྲགས་སུ་ནོར་གླིང་ཇོ་ནང་དུས་འཁོར་གྲྭ་ཚང་ཡིག་ཚང་ནས་ཕྱི་ལོ་༢༠༢༣ ཟླ་༡༢ ཚེས་༡༣ལ།
དད་ལྡན་གསུང་ཆོས་ལ་བཅར་འདོད་ཡོད་པ་དག་གིས་ཐོ་འགོད་གནང་རོགས།
འབྲེལ་ཡུལ།
སློབ་སྤྱི། དགེ་རྒན་ཆོས་ལྷུན། ༩༣༨༠༢༠༠༣༠༠
སློབ་དཔོན།. དགེ་རྒན་འཇམ་དབྱངས་ཤེས་རབ། ༧༩༧༥༩༨༣༥༡༣